འཛོམས་པ་ཡག་མོ།

欢聚

ཚིག ལི་སྨད་ཉི་གཞོན།

词:尼玛罗吾

དབྱངས། གསེར་འོད་སྐྱབས།

曲:色俄交

ལེན་མཁན། གསེར་འོད་སྐྱབས།

演唱者:色俄交

རོལ་མོ། གླིང་རྒྱལ་འཆི་མེད་ཚེ་རིང་།

编曲:郎甲·曲迈才让

གཙོ་སྒྲུབ་པ། ལི་ཁོག་དབྱངས་ཟིལ་ལས་ཤག

主办:罗科央瑟工作室

གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།

音乐宣传:谢旦贴吧工作室

ཁྱེད་རང་ཤར་ནས་ཕེབས་བྱུང་།།

君自东边来

ཉི་མས་ཁ་བཏགས་འཐེན་ནས།།

旭日献哈达

ཟླ་བས་རྟེན་འབྲེལ་སྒྲིག་བྱུང་།།

皎月促姻缘

སྐར་མས་བསུ་བ་བྱས་བྱུང་།།

星辉来接客

ཉི་ཟླ་སྐར་གསུམ་འཛོམས་པའི།།

三星聚一堂

རྟེན་འབྲེལ་དེ་རིང་འགྲིག་སོང་།།

良辰又吉日

ཉི་ཟླ་སྐར་གསུམ་འཛོམས་པའི།།

三星聚一堂

རྟེན་འབྲེལ་དེ་རིང་འགྲིག་སོང་།།

良辰又吉日

ཁྱེད་རང་ལྷོ་ནས་ཕེབས་བྱུང་།།

君从南方来

ལྷ་ཡིས་དངོས་གྲུབ་གནང་ནས།།

上仙赐福报

ཕ་ཁུས་སྨོན་འདུན་ཞུས་བྱུང་།

叔父唱祝福

མ་སྲུས་ཁ་གཡང་བོས་བྱུང་།།

姨母祝吉祥

སྤུན་ཟླ་མིང་སྲིང་འཛོམས་པའི།།

亲朋聚一堂

རྟེན་འབྲེལ་དེ་རིང་འགྲིག་སོང་།།

良辰又吉日

སྤུན་ཟླ་མིང་སྲིང་འཛོམས་པའི།།

亲朋聚一堂

རྟེན་འབྲེལ་དེ་རིང་འགྲིག་སོང་།།

良辰又吉日