作词 : 扎更宗智尖措
作曲 : 三佰东主
དམ་ཚིག་རྡོ་རྗེའི་མདུད་པ།
誓言
ཚིག་རྩོམ་མཁན།སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
作曲:扎更宗智尖措
དབྱངས་རྩོམ་མཁན། བསམ་པའི་དོན་འགྲུབ།
作曲:三佰东主
ལེན་མཁན། བསམ་པའི་དོན་འགྲུབ།
演唱:三佰东主
རོལ་མོ། བང་ཏུང་ཏུང་།
编曲:王冬东
སྒྲ་ཕབ་དང་ཞིབ་སྦྱོར། གཡང་རོང་ཨ་དོན།
录音/后期:央容阿东
གཡང་དཀར་བལ་ཁ་འཇམ་འཇམ།།ངང་རྒྱུད་འཇམ་པོ་ཡོད་པ།།
贤惠阿妈的女儿
མ་རྒྱུད་བཟང་པོའི་བུ་མོ།།ཕ་ཡུལ་ལུང་པར་ལུས་ཡོད།།
温柔善良的姑娘
ཞལ་འཛུམ་ཟུར་མིག་རེ་རེ།།
你的每一幅笑容
བརྩེ་གླུ་སྙན་མོ་རེ་རེ།
是一首首动听的歌谣
ས་མཐའ་རྡོག་པས་གནོན་དུས།།
踏上远去的路途
ཞེན་པའི་སྨྲེང་བ་ཡིན་སོང་།།
唯一不舍的是你
ཉིན་ནས་ཉིན་ལ་དྲན་པ།།
日思夜想的更是你
ཆུང་གྲོགས་ཡིད་འཆང་ལྷ་མོ།།
我的意中佳人啊
མཚན་ནས་མཚན་ལ་རྨིས་པ།།
我梦里都是你
ཚེ་ཡི་དྲན་པའི་བདག་མོ།།
一生便是你
དུས་འདི་ས་འགྱུར་རྡོ་འགྱུར།།
虽然世事难料
ངང་རྒྱུད་མ་འགྱུར་བཞུགས་དགོས།།
唯有你若不变
ས་མཐར་མ་ཤི་བར་དུ།།ཁྱོད་རང་བསྙེག་ནས་བསླེབ་ཡོང་།།
只为寻你而来
ཚིགས་དྲུག་མདའ་མོ་དྲང་དྲང་།།བློ་སེམས་དྲང་བོ་ཡོད་པ།།
贤惠阿妈的女儿
མ་རྒྱུད་བཟང་པོའི་བུ་མོ།།ཕ་ཡུལ་ལུང་པར་ལུས་ཡོད།།
心地耿直的姑娘
མ་བཅོས་སྙིང་གཏམ་རེ་རེ།།
你的每一句心声
བྱམས་བརྩེའི་ཐུགས་ཁུར་རེ་རེ།།
是一颗颗为我操碎的心
གྲོགས་མེད་གཅིག་པུར་འཁྱར་དུས།།
独自流浪的时候
གདུང་བའི་རུ་མ་ཡིན་སོང་།།
唯一挂念的是你
ཉིན་ནས་ཉིན་ལ་དྲན་པ།།
日思夜想的更是你
ཆུང་གྲོགས་ཡིད་འཆང་ལྷ་མོ།།
我的意中佳人啊
མཚན་ནས་མཚན་ལ་རྨིས་པ།།
我梦里都是你
ཚེ་ཡི་དྲན་པའི་བདག་མོ།།
一生便是你
དུས་འདི་ས་འགྱུར་རྡོ་འགྱུར།།
虽然世事难料
བློ་སེམས་མ་འགྱུར་བཞུགས་དགོས།།
唯有你若不变
ས་མཐར་མ་ཤི་བར་དུ།།ཁྱོད་རང་བསྙེག་ནས་བསླེབ་ཡོང་།།
只为寻你而来
ས་མཐར་མ་ཤི་བར་དུ།།ཁྱོད་རང་བསྙེག་ནས་བསླེབ་ཡོང་།།
只为寻你而来