ཉི་ནུབ་ཀྱི་མཚམས་སྤྲིན།

落日余晖

作词: 居土登扎西

作曲: 扎西巴丁

演唱:扎巴江才

ཉི་ནུབ་ཀྱི་མཚམས་སྤྲིན་འོག་ནས།

落日余晖之下

གཤོག་རྩལ་རླུང་གིས་སྐྱོར་བའི་ཁྲུང་ཁྲུང་།

翅膀随风飘的鹤

རྒྱང་རིང་གི་ཡུལ་ལ་ཕྱིར་མིག་མེད་པར་འཕུར་བྱུང་།

飞向远方

རྒྱང་རིང་ནས་རྒྱང་རིང་ཞིག་ལ་འཕུར་བཞིན་སོང་།

坚定不移

ང་ཡིས་ཁྱོད་ཀྱི་ཕྱོགས་ལ།

朝你方位

ཁྲུང་ཁྲུང་འདི་འཕུར་ན་བསམ་བྱུང་།

如鹤般飞向你

བྱ་ཁྲུང་ཁྲུང་དཀར་མོའི་གཤོག་སྣེ་རུ།

借着白鹤翅膀

ངའི་ལག་གི་ཡིག་ཆུང་འདི་བཏགས་ན་བསམས།

思绪传于你

ང་ཡི་སྙིང་གི་བྱམས་པ།

心中的伊人呐

ང་ལ་རེ་སྒུག་གི་དུས་ཚོད་གནང་རོགས།

请给我期待的时间

ང་ལ་འགྱུར་མེད་ཀྱི་དམ་བཅའ་འཇོག་རོགས།

给我一个坚定的承诺

རྒྱང་རིང་གི་གནམ་སའི་མཚམས་ནས།

远方的彼岸

འདབ་མ་རླུང་གིས་གཡོ་བའི་སྤྲིན་པ།

飘扬的云朵花瓣

ཐག་རིང་གི་ཡུལ་ལ་ཕྱིར་མིག་མེད་པར་བཞུད་སོང་།

飘向了远方

ཐག་རིང་ནས་ཐག་རིང་ཞིག་ལ་ཆས་བཞིན་སོང་།

越飘越远

ང་ཡིས་ཁྱོད་ཀྱི་ཕྱོགས་ལ།

朝你方向

སྤྲིན་པ་འདི་འགྲོ་ན་བསམས་བྱུང་།

飘到你那边去了

སྤྲིན་དཀར་པོ་དེ་ཡི་འདབ་མ་ལ།

给那白色云朵的花瓣

ངའི་ལག་གི་མེ་ཏོག་འདི་བསྐུར་ན་བསམས།

想把手中的花朵送给你

ང་ཡི་སྙིང་གི་བྱམས་པ།

心中的伊人呐

ང་ལ་རེ་སྒུག་གི་དུས་ཚོད་གནང་རོགས།

请给我期待的时间

ང་ལ་འགྱུར་མེད་ཀྱི་དམ་བཅའ་འཇོག་རོགས།

给我一个坚定的承诺

ང་ཡི་སྙིང་གི་བྱམས་པ།

心中的伊人呐

ང་ལ་རེ་སྒུག་གི་དུས་ཚོད་གནང་རོགས།

请给我期待的时间

ང་ལ་འགྱུར་མེད་ཀྱི་དམ་བཅའ་འཇོག་རོགས།

给我一个坚定的承诺